巴沃法影
第十一世巴滇巴沃仁波切指导下设立的佛法平台

དཔའ་བོ་རིན་པོ་ཆེའི་ཞབས་བརྟན་བཞུགས་སོ།第十一世巴沃仁波切长寿祈请文

作者:巴沃法影


调整大小 旋转 L1009239.jpg






དཔལ་ལྡན་དཔའ་བོ་གཙུག་ལག་སྨྲ་བའི་སྒྲ་དབྱངས་མཆོག་གི་བརྟན་བཞུགས་སྨོན་ཚིག་ཚེ་སྦྱིན་འཕགས་མ་བཞེད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །


第十一世巴沃仁波切长寿祈请文




ཨོཾ་སྭ་སྟི།

འགྱུར་མེད་བདེ་སྟོང་ཀུན་བཟང་ཆོས་ཀྱི་སྐུ།

རང་བྱུང་ཁྱབ་བདག་ཆོས་ཀྱི་རྒྱལ་མཚན་གྱི།

བྱིན་རླབས་བདུད་རྩིའི་དགའ་སྟོན་འབར་བའི་མཐུས།

མཚུངས་མེད་བླ་མའི་ཞབས་པད་བརྟན་ཡུན་བརྟན་ཤོག

ཟབ་ཞི་སྤྲོས་བྲལ་མཁྱེན་རབ་ཆུ་གཏེར་དབུས།

རྣམ་དག་ཁྲིམས་ཀྱི་ལྗོན་པ་རྒྱས་པའི་རྩེར།

གཞན་ཕན་སྙིང་རྗེའི་འདབ་སྟོང་འཛུམ་པ་ཡི།

མཁའ་སྤྱོད་དཔའ་བོ་ཆེན་པོ་ཞབས་བརྟན་ཤོག

གང་གི་ཕྲིན་ལས་འཛམ་གླིང་ཀུན་ཏུ་ཁྱབ།

ཉེར་འཚེའི་ཕྱོགས་ལས་རྣམ་པར་རབ་རྒྱལ་བའི།

སྡེ་བཞིའི་དཔལ་འབྱོར་ཡར་ངོའི་ཟླ་བ་བཞིན།

གོང་ནས་གོང་འཕེལ་བཀྲ་ཤིས་དཔལ་འབར་ཤོག



嗡梭帝!

不变乐空普贤之法身,

自生遍主佛法之胜幢,

加持甘露喜筵炽盛力,

无比上师莲足恒坚固。

深寂离戏智慧大海中,

清净戒律丰茂莲柄上,

利他悲心千瓣皆绽放,

空行圣巴沃足恒坚固。

何者事业遍满于世界,

于违缘处获得最胜利,

四德圆满犹如上弦月,

辗转增上愿吉祥灵燃!






།ཅེས་པ་འདི་བཞིན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་མཛད་པའི་གསུང་བྱིན་ཅན་དེ་ཕྲན་སངས་རྒྱས་༧ཀརྨ་པའི་སྐྱེས་རབ་ཕྲེང་འཛིན་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་རང་ལོ་བཅུ་གཅིག་ཐོག་དཔལ་ལྡན་དཔའ་བོ་གཙུག་ལག་སྨྲ་བའི་སྒྲ་དབྱངས་རང་བྱུང་ཁྱབ་བདག་ཆོས་ཀྱི་རྒྱལ་མཚན་མཁྱེན་རབ་རྣམ་དག་གཞན་ཕན་མཁའ་སྤྱོད་ཕྲིན་ལས་ཀུན་ཁྱབ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་མཆོག་གི་ཞབས་བརྟན་དུ་ཞལ་བསྒྱུར་བ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།


第十七世大宝法王11岁时以十五世大宝法王所撰写具有加持力的法改写







巴沃仁波切巴沃仁波切巴沃仁波切巴沃仁波切巴沃仁波切巴沃仁波切巴沃仁波切巴沃仁波切巴沃仁波切巴沃仁波切巴仁波切巴沃仁波切巴沃仁波切巴沃仁波切仁波切巴





欢迎关注“巴沃法影”

仁波切与你分享佛陀的智慧


新号二维码.jpg






会员登录
登录
其他帐号登录:
我的资料
留言
回到顶部

粤公网安备 44030402002471号