巴沃法影
第十一世巴滇巴沃仁波切指导下设立的佛法平台

ངེས་དོན་སྒྲོན་མེ་ལས་དལ་འབྱོར་རྙེད་དཀའ་བ།དཔའ་བོ་རིན་པོ་ཆེས་གསུངས།视频+文字

作者:巴沃仁波切






巴沃仁波切讲授四加行课程

转心四思维之一:人身难得



༧ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་མཆོག༧སྐྱབས་རྗེ་དཔལ་ལྡན་དཔའ་བོ་གཙུག་ལག་སྨྲ་བའི་སྒྲ་དབྱངས་མཆོག་གིས་རྗེ་ཉིད་ཀྱི་གདན་སའི་དབུ་མཆོད་རྣམས་ཀྱིས་བསྐུལ་ངོར་བོད་ས་ཁྱི་ལོའི་ཟླ་གཉིས་པའི་གཟའ་ཚེས་དགེ་བའི་ཉིན་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་གྲུབ་ཆེན་མར་མིད་དྭགས་གསུམ་གྱི་བཀའ་སྲོལ་ལས་དངོས་གཞི་ཞི་ལྷག་གི་རིམ་པ་ཉམས་སུ་ལེན་པ་ལ་སྔོན་དུ་ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་བཞིས་བློ་སྣ་ཆོས་ལ་བསྒྱུར་དགོས་པ་དང་།ཐུན་མིན་སྔོན་འགྲོས་དངོས་གཞི་ཁྲིད་རིམ་ཉམས་སུ་བླངས་པའི་མཐུན་རྐྱེན་བསྒྲུབ་ཅིང་འགལ་རྐྱེན་སེལ་དགོས་པའི་མན་ངག་གཙིགས་ཆེར་བཟུང་ཏེ་སྐབས་འདིར་གཞུང་ལུགས་ལ་སྦྱངས་པ་དེ་ཙམ་བྱེད་མ་མྱོང་བའི་ལས་དང་པོ་བ་དག་ལ་ཆེད་དུ་དམིགས་ནས་གཞུང་ལུགས་རྒྱས་བཤད་དང་།གོ་དཀའི་མན་ངག་བཀྲལ་བའི་སྤྲོས་པ་བསྐྱུང་སྟེ་གོ་བདེའི་ལམ་ནས་༧འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཕྱག་ཆེན་ཁྲིད་ཡིག་ངེས་དོན་སྒྲོན་མེའི་སྟེང་ནས་བློ་ལྡོག་རྣམ་པ་བཞི་པོ་དག་ཉིན་རེར་ལེ་ཚན་རེ་བྱས་ནས་ཁྲིད་པ་དེ་ཡང་ཐུན་མོང་སྔོན་འགྲོ་ལ་སློབ་དགོས་པའི་ཉིང་དགོས་གསར་བུ་བ་དག་བློ་སྣ་ཆོས་ལ་བསྒྱུར་རྒྱུའི་འདུན་པ་ཉག་གཅིག་ཏུ་ཟིན་ཏེ་གསུངས་པ་དེས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་།བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་ནད་མུག་མཚོན་འཁྲུགས་ཀྱི་གནོད་པ་ཞི་ཞིང་དགའ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་པའི་ཕྱིར་བསྔོ་སྨོན་དང་བཅས།

དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་།།

མཁའ་མཉམ་ཡོངས་ལ་བདེ་སྐྱིད་བྱུང་བ་དང་།།

བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱང་ནས།།

མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག།།།




2018年12月发布于巴沃·法景公众号



                                                                               

会员登录
登录
其他帐号登录:
我的资料
留言
回到顶部

粤公网安备 44030402002471号