巴沃法影
第十一世巴滇巴沃仁波切指导下设立的佛法平台

༄༅། །རྗེ་དཔའ་བོ་གཙུག་ལག་ཕྲེང་བས་སློབ་བུ་ལ་གདམས་པའི་གྲོས་འདེབས།

作者:巴沃仁波切





祖拉成瓦(小).jpg



尊者巴沃·祖拉成瓦

嘱咐弟子的建言




༄༅། །གཏན་གྱི་འདུན་མའི་གྲོས་འདེབས་འདི་བཟུང་ཞིག།

ཡོང་ངེས་འཆི་བ་ཡིན་གྱིས་རྟག་ཏུ་སོམས། །

དེ་དུས་གཞན་གྱིས་མི་ཕན་སེམས་ཆོས་སྲེས། །

ཡེངས་ཡེངས་ངང་ལ་འཆིའོ་བརྩོན་འགྲུས་རྩོམས།།

ཚེ་འདི་གཏིང་ནས་བློ་ཡིས་ཐོངས་པར་གྱིས། །

ཅི་བྱེད་གཞན་དོན་བྱང་ཆུབ་ཐོབ་ཕྱིར་གྱིས།།

ཁ་ཞེ་ཐ་དད་མ་བཞག་ཆོས་སུ་སྲེས། །

མོས་གུས་བླ་མའི་སྣང་བར་ཉིན་མཚན་དྲིལ།།

གནོང་འགྱེད་མེད་པའི་བསླབ་གསུམ་སྲོག་ལྟར་སྲུངས། །

ཉམས་ཆགས་སེམས་ལ་མ་བཞག་འཕྲལ་དུ་ཤོགས།།

དགེ་བ་བཅུ་དང་ཕ་རོལ་ཕྱིན་དྲུག་ལས། །

གཞན་པའི་བྱ་རྒྱུ་ཐེག་ཆེན་པ་ལ་མེད།།

ཉིན་མཚན་ཆོས་སྤྱོད་བཅུ་ཡིས་འདའ་བར་གྱིས།།

ལུས་སྲོག་ལོངས་སྤྱོད་མ་ཆགས་བློ་ཡིས་ཐོང་། །

ཅི་བྱུང་བྱང་ཆུབ་ཆེད་དུ་བཟོད་པར་གྱིས།།

གཏིང་གྲིམས་འཕྲལ་ལྷོད་བར་མའི་བརྩོན་འགྲུས་རྩོམས། །

སེམས་ཀྱི་རང་བཞིན་སུས་ཀྱང་བཅོས་སུ་མེད།།

ལྟར་མེད་དོན་ལ་རྟག་ཏུ་བྱར་མེད་ཞོག །

རྟག་ཏུ་དྲན་དང་ཤེས་བཞིན་བྱ་ར་གཅེས།།

འགྲོ་ཀུན་དོན་དུ་བྱུང་ཆུབ་བསྔོ་བ་དང་། །

སྨོན་ལམ་རྒྱ་ཆེན་ནམ་མཁའ་མཉམ་པར་ཐོབ།།

ཐེག་ཆེན་རྒྱ་མཚོའི་ཡང་སྙིང་འདི་རུ་འདུས། །

ཚིག་ཏུ་མ་བཞག་ཉམས་སུ་ལེན་པར་བྱོས།།

ཞེས་རྗེ་དཔའ་བོ་གཙུག་ལག་ཕྲེང་བས་དོན་གྲུབ་འོད་ཟེར་ལ་གདམས་པའོ། །










2020-1-6首发于公众号及微博:巴沃法影(第十一世巴沃仁波切指导设立的佛法平台)



会员登录
登录
其他帐号登录:
我的资料
留言
回到顶部

粤公网安备 44030402002471号